果洛州2022年重大工程:青海果洛州2022年初中学业水平考试提醒函【藏汉双文】

副标题:青海果洛州2022年初中学业水平考试提醒函【藏汉双文】

时间:2022-05-24 07:10:01 阅读: 最新文章 文档下载
说明:文章内容仅供预览,部分内容可能不全。下载后的文档,内容与下面显示的完全一致。下载之前请确认下面内容是否您想要的,是否完整无缺。

【#中考# 导语】©文档大全网从果洛藏族自治州人民政府了解到,青海果洛州2022年初中学业水平考试提醒函已发布,详细内容如下:


image.png


2022ལོའི་མགོ་ལོག་འབྲིང་རྒྱུགས་དྲན་སྐུལ།


  རྒྱ་ཆེ་བའི་རྒྱུགས་ཞུགས་སློབ་བུ་དང་ཁྱིམ་བདག་རྣམ་པ།


  2022ལོའི་འབྲིང་རྒྱུགས་སྐབས་ཀྱི་རིམས་འགོག་ལས་ཀའི་འགན་འཁྲི་ལྟར་འབྲིང་རྒྱུགས་བྱ་བའི་ལས་དོན་ཡག་པོ་སྒྲུབ་ཆེད།རིམས་ནད་སྔོན་འགོག་གསར་བའི་གནས་བབ་དང་ཁུལ་རིམས་པའི་སྔོན་འགོག་ལས་དོན་གྱི་ཐབས་ཇུས་བཀོད་སྒྲིག་དང་།རྒྱ་ཆེའི་རྒྱུགས་སྤྲོད་རྣམས་གྱི་ཚེ་སྲོག་བདེ་ཐང་ལ་འགན་ལེན་དང་རིམས་ནད་ནང་འཇུག་གི་ཉེན་ཁ་འགོག་སྲུང་བྱས་ཏེ།འབྲིང་རྒྱུགས་བདེ་ལེགས་བདེ་འཇགས་ངང་འགྲུབ་ཆེད།གཤམ་གྱི་གསལ་འདེབས་འདི་བསྒྲགས་པ་ཡིན།


  གཅིགརྒྱུགས་ཞུགས་སློབ་མ་དང་ཁྱིམ་བདག་ཁུལ(རྫོང)་དུ་ལོག་སྐབས་དོ་སྣང་བྱེད་དགོས་པའི་གསལ་འདེབས།


  ༡.2022ལོར་མགོ་ལོག་ཁོངས་གཏོགས་ཀྱི་འབྲིང་རྒྱུགས་ལ་ཞུགས་པའི་སློབ་མ་ཞིང་ཆེན་གཞན་པའི་ཉེན་ཁ་ཆེ་བའི་ས་ཁུལ་དང་།རིམས་ནད་འབྱུང་བཞིན་པའི་ས་ཁུལ་དུ་ཡོང་བ་དག་(ཁྱིམ་བདག་ཡང་ན་དགེ་རྒན་དང་ལྷན་དུ་)བདེ་ཐང་བཤེར་ཨང(ལྗང་མདོག)དང་འགྲུལ་བཞུད་བཤེར་ཨང(ལྗང་མདོག)།དུས་ཚོད48ནང་གི་ཉིང་སྐྱུར་བརྟག་དཔྱད་ཀྱི་དཔྱད་འབྲས་བཅས་འཁྱེར་ཏེ།འབྲིང་རྒྱུགས་མ་བླང་སྔོན་གྱི་ཉིན21ནང་མཚོ་སྔོན་དུ་འབྱོར་དགོས་པ་མ་ཟད།ཟླ6པའི་ཚེས1སྔོན་ལ་མགོ་ལོག་ཁུལ(རྫོང)་དུ་འབྱོར་ནས།རིམས་ནད་སྔོན་འགོག་དང་འབྲེལ་ཡོད་གྱི་དོ་དམ་དག་ལག་བསྟར་བྱེད་དགོས།མགོ་ལོག་ཁོངས་གཏོགས་ཀྱི་འབྲིང་རྒྱུགས་ལ་ཞུགས་པའི་སློབ་མ་ཞིང་ཆེན་གཞན་པའི་ཉེན་ཁ་ཆུང་བའི་ས་ཁུལ(རྫོང)་ནས་ཡོང་བ་དག(ཁྱིམ་བདག་དང་ལྷན་དུ)བདེ་ཐང་བཤེར་ཨང(ལྗང་མདོག)དང་འགྲུལ་བཞུད་བཤེར་ཨང(ལྗང་མདོག)།དུས་ཚོད48ནང་གི་ཉིང་སྐྱུར་བརྟག་དཔྱད་ཀྱི་དཔྱད་འབྲས་བཅས་འཁྱེར་ཏེ།འབྲིང་རྒྱུགས་མ་བླང་སྔོན་གྱི་ཉིན་བདུན་ནང་མཚོ་སྔོན་དུ་འབྱོར་དགོས་པ་མ་ཟད།ཟླ6པའི་ཚེས6སྔོན་ལ་མགོ་ལོག་ཁུལ(རྫོང)་དུ་འབྱོར་ནས།རིམས་ནད་སྔོན་འགོག་དང་འབྲེལ་ཡོད་གྱི་དོ་དམ་དག་ལག་བསྟར་བྱེད་དགོས།མགོ་ལོག་ཁོངས་གཏོགས་ཀྱི་འབྲིང་རྒྱུགས་ལ་ཞུགས་པའི་ཞིང་ཆེན་ནང་ཁུལ་གྱི་སློབ་མས(ཁྱིམ་བདག་དང་ལྷན་དུ)བདེ་ཐང་བཤེར་ཨང(ལྗང་མདོག)དང་འགྲུལ་བཞུད་བཤེར་ཨང(ལྗང་མདོག)།དུས་ཚོད48ནང་གི་ཉིང་སྐྱུར་བརྟག་དཔྱད་ཀྱི་དཔྱད་འབྲས་བཅས་འཁྱེར་ཏེ།ཟླ6པའི་ཚེས6སྔོན་ལ་མགོ་ལོག་ཁུལ(རྫོང)་དུ་འབྱོར་ནས།རིམས་ནད་སྔོན་འགོག་དང་འབྲེལ་ཡོད་གྱི་དོ་དམ་དག་ལག་བསྟར་བྱེད་དགོས།པེ་ཅིན་ཧྥང་ཧྲན་ས་ཁུལ་གྱི་ཧྥང་ཧྲན་སློབ་འབྲིང་ལྔ་བའི་རྒྱུགས་ཞུགས་སློབ་མ་དག་གི་ས་གནས་རིམས་ནད་སྔོན་འགོག་གྱི་རེ་བ་ལྟར།ཟླ5པའི་ཚེས25ཉིན་མཚོ་སྔོན་དུ་འབྱོར་ནས་ཟི་ལིང་དུ་ཉིན14ལ་གཅིག་གྱུར་གྱི་ཟུར་བཀར་བྱེད་དགོས།ཟླ6པའི་ཚེས10སྔོན་ལ་མགོ་ལོག་ཁུལ(རྫོང)་དུ་འབྱོར་ནས།རིམས་ནད་སྔོན་འགོག་དང་འབྲེལ་ཡོད་གྱི་དོ་དམ་དག་ལག་བསྟར་བྱེད་དགོས།ཉེན་ཁ་ཆེ་བའི་ས་ཁུལ་དང་རིམས་ནད་འབྱུང་བཞིན་པའི་ས་ཁུལ།ཞིང་ཆེན་ཕྱིའི་ཉེན་ཁ་ཆུང་བའི་ས་ཁུལ་ནས་ཞིང་ཆེན་ནང་ཁུལ་དུ(ཕྱིར)མགོ་ལོག་ཁུལ(རྫོང)་ལ་ལོག་པའི་རྒྱུགས་སྤྲོད་སློབ་མ་དང་རྒྱུགས་རོགས་ཁྱིམ་བདག་གིས་ངེས་པར་དུ་ས་གནས་དེ་གའི་རྒྱུགས་བསྡུའི་སྒྲིག་གཞི་ལས་ཁུངས་དང་།ནད་ཡུམས་ཚོད་འཛིན་ལས་ཁུངས།ཁོངས་གཏོགས་ཀྱི་སྤྱི་ཁུལ་བཅས་ལ་འཕྲལ་མྱུར་སྙན་སེང་ཞུ་དགོས།རྒྱུགས་སྤྲོད་སློབ་མ་དང་རྒྱུགས་རོགས་དགེ་རྒན་དང་ཁྱིམ་བདག་གིས་མགོ་ལོག་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་བཀོད་འདོམས་པུའུ་ཡི་འབྲེལ་ཡོད་སྔོན་འགོག་ཚོད་འཛིན་གྱི་བྱ་བ་དག་ལ་བརྩི་སྲུང་ནན་མོ་བྱེད་དགོས་པ་མ་ཟད།དེ་འབྲེལ་གྱི་བླང་བྱ་ལྟར་མི་སྒེར་གྱི་འགོག་སྲུང་ལས་དོན་ཡང་ཡག་པོ་སྒྲུབ་དགོས།


  ༢.མགོ་ལོག་སློབ་འབྲིང་དང་མཚོ་སྔོན་ཞིང་ཆེན་གཙང་གསུམ་མི་རིགས་སློབ་འབྲིང་གི་མགོ་ལོག་ཁོངས་གཏོགས་ཀྱི་རྒྱུགས་ཞུགས་སློབ་མ་དག་རང་ཉིད་གནས་སའི་སློབ་གྲྭའི་གཅིག་གྱུར་གྱི་སྒྲིག་འཛུགས་བྱས་ཏེ་རྫོང་སོ་སོར་ཕྱིར་ལོག་པ།འབྲེལ་ཡོད་ཀྱི་བླང་བྱ་ལྟར་དོ་དམ་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ་གཏོང་དགོས།པེ་ཅིན་ཧྥང་ཧྲན་ས་ཁུལ་གྱི་ཧྥང་ཧྲན་སློབ་འབྲིང་ལྔ་བའི་རྒྱུགས་ཞུགས་སློབ་མ་དག་སློབ་གྲྭའི་འགན་ལེན་དགེ་རྒན་གྱི་གཅིག་གྱུར་གྱིས་སྣེ་ཁྲིད་འོག་ཟི་ལིང་དུ་ཉིན14རིང་ལ་ཟུར་བཀར་བྱས་རྗེས་ཁྱིམ་བདག་གི་རང་རྫོང་དུ་ཁྲིད་དེ་རིམས་ནད་སྔོན་འགོག་གྱི་འབྲེལ་ཡོད་དོ་དམ་དག་ལག་བསྟར་བྱེད་དགོས།


  ༣.ཟླ6པའི་ཚེས25ཉིན་ནས26བར།གནས་གཞན་ནས་ཡོང་བའི་སློབ་མ་ལ་དངོས་ལུགས་དང་རྫས་འགྱུར།སྐྱེ་དངོས་ཚོད་ལྟ།ལུས་རྩལ་སོགས་རྒྱུགས་ལེན་གྱི་དུས་ཚོད་བཀོད་སྒྲིག་བྱས་ཡོད།རྒྱུགས་ལེན་སྐབས་རྒྱུགས་ཞུགས་སློབ་མའི་ངེས་པར་དུ་ཆུ་ཚོད48རང་གི་ཉིང་སྐྱུར་བརྟག་དཔྱད་ནད་རྟགས་མེད་པའི་བདེན་དཔང(ཁ་པར་དང་ཡིག་ཐོག་བདེན་དཔང་གང་ཡིན་ཡང་ཆོག)འདོན་སྤྲོད་དགོས།


  ༤.ཟླ6པའི་ཚེས21ཉིན་ནས24བར་འབྲིང་རྒྱུགས་དུས་ཚོད་གཏན་འབེབས་བྱས།ཟླ6པའི་ཚེས21ཉིན་རྒྱུགས་ཞུགས་སློབ་མ་རྒྱུགས་རའི་ནང་འགྲོ་སྐབས་དུས་ཚོད་48རང་གི་ཚོན་ལྡན་གྱི་ཉིང་སྐྱུར་བརྟག་དཔྱད་མཇུག་འབྲས་དང་བདེ་ཐང་བཤེར་ཨང(ལྗང་མདོག)དང་འགྲུལ་བཞུད་བཤེར་ཨང(ལྗང་མདོག)བཅས་འདོན་སྤྲོད་བྱེད་དགོས།


  ༥.ཁྱིམ་བདག་རྣམས་ལ་རྫོང་སོ་སོའི་སློབ་གསོ་ཅུས་གཅིག་གྱུར་གྱིས་སྒུག་སའི་གནས་བཀོད་སྒྲིག་བྱས་ཡོད་པ་དང་།ངེས་པར་དུ་བདེ་ཐང་བཤེར་ཨང་བརྒྱུད་དེ་གཏན་འཁེལ་བྱས་པའི་ཡུལ་གནས་ནས་སྒུག་དགོས།


  ༦.མིག་སྔར་མགོ་ལོག་ནང་ཁུལ་གྱི་རྒྱུགས་ཞུགས་སློབ་མ་དང་ཁྱིམ་བདག(དགེ་རྒན)་དག་རྒྱུགས་མ་བླང་སྔོན་གྱི་ཉིན14ནང་ཁུལ་ནས་ཁ་བྲལ་མི་ཆོག།གལ་ཏེ་གསང་ནས་མི་ཞུ་བ།རྫུན་ཞུ་དང་དུས་ལྟར་ནད་རིམས་སྔོན་འགོག་བྱེད་ཐབས་ལག་ལྟར་མ་བྱས་པར་ཏོག་གསར་ནད་དུག་ཁྱབ་སྤེལ་ཉེན་ཁ་དང་དེ་འབྲེལ་ཡོད་ཀྱི་མཇུག་འབྲས་ཚབས་ཆེན་བྱུང་ཚེ།སློབ་མ་དང་ཁྱིམ་བདག་གི་འགན་ལེན་དགོས་པར་མ་ཟད་ཁྲིམས་ལྟར་འགན་འཁྲི་རྩད་གཅོད་བྱ་རྒྱུ་ཡིན།


  ༧.རྒྱ་ཆེའི་རྒྱུགས་སྤྲོད་སློབ་མ་དང་ཁྱིམ་བདག(དགེ་རྒན)་ཁུལ(རྫོང)་ལ་ལོག་རྗེས་སྒོ་ཕྱིར་ཉུང་འགྲོ་དང་།གཞན་ཁྱིམ་དུ་མི་འགྲོ་པ།འདུ་འཛོམས་མི་བྱེད་པ།མི་གཞན་དང་འབྲེལ་ཐུག་ཉུང་བ་དང་མི་ཚོགས་འདུ་སར་མི་འགྲོ་བ་བཅས་བྱས་ནས་མི་སྒེར་གྱི་རིམས་ནད་འགོག་སྲུང་ལེགས་པོ་བྱེད་དགོས།


  ༨.2022ལོའི་རྨ་སྟོད་རྫོང་གི་འབྲིང་རྒྱུགས་ས་གནས་རྨ་ཆེན་རྫོང་དུ་བཀོད་སྒྲིག་བྱས་ཏེ།རྨ་ཆེན་རྫོང་གིས་གཅིག་གྱུར་དུ་དོ་དམ་བྱེད་རྒྱུ་ཡིན།གཞན་ཡང་རྨ་ཆེན་རྫོང་རྭ་རྒྱའི་བོད་ཡིག་སློབ་འབྲིང་དུ་འབྲིང་རྒྱུགས་རྒྱུགས་གནས་གཉིས་ཁ་སྣོན་བྱས་ཏེ།རྨ་ཆེན་རྫོང་རྭ་རྒྱའི་བོད་ཡིག་སློབ་འབྲིང་དང་རྭ་རྒྱའི་བུད་མེད་སློབ་གྲྭའི་རྒྱུགས་ཞུགས་སློབ་མ་ཡོངས་དེ་གར་གཅིག་གྱུར་དུ་རྒྱུགས་ལེན་བྱེད་རྒྱུ་ཡིན།


  གཉིས།རྒྱུགས་སྤྲོད་སློབ་མས་འདོན་སྤྲོད་བྱ་དགོས་པའི་འབྲེལ་ཡོད་རྒྱུ་ཆ།


  ༡.དམའ་འབྲིང་གི་སྐྱེ་དངོས།ས་ཁམས།ལུས་རྩལ་སློབ་ཚན་སོགས་ཀྱི་ཡོན་ཚད་རྒྱུགས་ལེན་སྐར་གྲངས་(ཞིང་ཆེན་གཞན་གྱི་ད་ལོའི་མཐར་ཕྱིན་སློབ་མའི་ཡོན་ཚད་རྒྱུགས་འབྲས་ལ་སློབ་གྲྭའམ་རྫོང་རིམ་པའི་སློབ་གསོ་སྲིད་འཛིན་སྡེ་ཁག་གི་ཐམ་ག་རྒྱག་)དགོས།


  ༢.ལོ་རིམ་བརྒྱད་པའི་སྐྱེ་དངོས་དང་ས་ཁམས་ཡོན་ཚད་རྒྱུགས་གཞི་ལ་མ་ཞུགས་པའི་གནས་གཞན་གྱི་སློབ་མ་རྣམས་རྫོང་སོ་སོའི་སློབ་གསོ་སྲིད་འཛིན་སྡེ་ཁག་གིས་གཅིག་གྱུར་ཀྱིས་ཟླ6པའི་ཚེས24ཉིན་རྩ་འཛུགས་བྱས་ནས་རྒྱུགས་ལེན་དགོས།


  གསུམ།རྒྱུགས་ཞུགས་འཛིན་ཡིག་ལེན་པའི་དུས་ཚོད་དང་འབྲེལ་ཡོད་རེ་འདུན།


  ༡.རྒྱུགས་ཞུགས་འཛིན་ཡིག་ལེན་པའི་དུས་ཚོད་ནི་ཟླ6པའི་ཚེས19ཉིན་ནས་ཚེས20ཉིན་ཡིན།


  ༢.རྫོང་ཁོངས་གཏོགས་ཀྱི་སློབ་གྲྭའི་སློབ་མའི་རྒྱུགས་ཞུགས་འཛིན་ཡིག་སློབ་གྲྭ་སོ་སོའི་ལེན་དགོས།


  ༣.གནས་གཞན་གྱི་རྒྱུགས་ཞུགས་སློབ་མའི་རང་གི་ཐོབ་ཐང་དཔང་ཡིག་བཟུང་ནས་ཁྱིམ་ཐོ་སྡོད་གནས་རྫོང་གི་སློབ་བསྡུ་གཞུང་ལས་ཁང་དུ་རྒྱུགས་ཞུགས་འཛིན་ཡིག་ལེན་དགོས།མི་གཞན་པའི་འཐས་ཚབ་ཏུ་ལེན་མི་ཆོག


  ༤.རྒྱུགས་ཞུགས་འཛིན་ཡིག་ལེན་སྐབས།རྒྱུགས་ཞུགས་སློབ་མ་ཚང་མས་ངེས་པར་དུ་དུས་ཚོད48ནང་གི་ཉིང་སྐྱུར་བརྟག་དཔྱད་ཀྱི་དཔྱད་འབྲས་འདོན་སྤྲོད་བྱེད་དགོས།ཞིང་ཆེན་ཕྱི་རོལ་ནས་མཚོ་སྔོན་དུ་ལོག་པ་དང་།གཞན་ཡང་ཉིན14ཙམ་གྱི་རིང་ཏོག་དབྱིབས་ནད་དུག་ཚབ་ཆེན་ས་གནས་རུ་གནས་སྐོར།གནས་སྡོད་ཀྱི་རྒྱུགས་ཞུགས་སློབ་མ་དང་ཁྱིམ་བདག་དག་གིས་སྤྱི་ཁུལ་དུ་ཟུར་བཀར་བདེ་འཇགས་བརྡ་ཐོ་དང་བདེ་ཐང་བཤེར་ཨང་ལྗང་མདོག།འགྲུལ་བཞུད་བཤེར་ཨང་སོགས་རྒྱུགས་ཞུགས་སློབ་མ་རང་གི་མིང་རྟགས་བཀོད་དེ་ཐོབ་ཐང་དཔང་ཡིག་བསྐྱར་དཔར་དང་ལྷན་གཅིག་ཏུ་འདོན་སྤྲོད་བྱེད་དགོས།


  གོང་གསལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགན་འཁྲི་དག་མིག་སྔར་གྱི་རིམས་ནད་སྔོན་འགོག་གི་སྲིད་ཇུས་གསར་བ་ལྟར་བཏོན་པ་ཡིན།རིམས་ནད་སྔོན་འགོག་གི་གནས་བབ་འགྱུར་ལྡོག་ལ་གཞིགས་སྟེ་སྲིད་ཇུས་ཀྱང་དེ་མཚུངས་སུ་བསྒྱུར་བཅོས་བྱ་རྒྱུ་ཡིན་པས།རྒྱུགས་སྤྲོད་སློབ་མ་དང་ཁྱིམ་བདག་གིས་དུས་དང་རྣམ་པ་ཀུན་དུ་མགོ་ལོག་ཁུལ་སློབ་གསོ་དྲྭ་ཚིགས་དང་མགོ་ལོག་སློབ་གསོ་སྐད་འཕྲིན་སྤྱི་བསྒྲགས་སྟེགས་བུ་ལ་དོ་ཁུར་བྱེད་དགོས།།


  བློ་འདྲི་ཁ་པར་ཨང་གྲངས།0975-8382122


  བློ་འདྲི་མི་སྣ།དོན་འགྲུབ་ཚེ་བརྟན།15809750437


མགོ་ལོག་ཁུལ་སློབ་གསོ་ཅུས།


2022ལོའི་ཟླ5པའི་ཚེས16ཉིན


果洛州2022年初中学业水平考试提醒函


  各位考生及家长:


  为落实2022年初中学业水平考试组考防疫工作要求,做好就读考生参加考试工作,根据最新疫情防控形势和州疫情防控指挥部要求,切实保障广大考生的生命安全和身体健康,严防疫情输入风险,确保应考尽考和平安中考,现将有关事项提醒如下:


  一、考生及家长返州(县)的温馨提示。


  (一)凡参加2022年初中学业水平考试的果洛籍省外中高风险区、疫情发生地就读考生(陪同教师、家长)应持健康码(绿码)、行程码(绿码)、48小时内核酸检测阴性证明,提前21天抵青,于6月1日前抵州(县),接受相关管控措施;果洛籍省外低风险区就读考生(陪同家长)应持健康码(绿码)、行程码(绿码)48小时内核酸检测阴性证明,提前7天抵青,于6月6日前抵州(县),接受相关管控措施;果洛籍省内就读考生(陪同家长)应持健康码(绿码)、行程码(绿码)、48小时内核酸检测阴性证明,于6月6日前抵州(县),接受相关管控措施。北京市房山区房山第五中学就读考生,根据当地疫情防控政策要求,拟定于5月25日返青,在西宁统一隔离14天,于6月10日前抵州(县),接受相关管控措施。所有中高风险区、疫情发生地、省外低风险区、省内来(返)州(县)的考生及陪考教师、家长须第一时间到所在县的招考机构、疾控、社区报备。考生及陪考教师、家长要坚决服从果洛州(及各县)新冠疫情防控指挥部的相关防控措施,并按要求做好个人防护。


  (二)果洛中学、青海省三江源民族中学果洛籍考生,由各自学校统一组织返回各县,并按相关要求落实管控措施。北京市房山区房山第五中学果洛籍学生,由带队教师负责统一抵达西宁隔离14天后,由家长自行接回各县,并按相关要求落实管控措施。


  (三)6月25至26日,为异地考生物理化学、生物实验实际操作、体育考试时间。考试时,考生须提供48小时核酸检测阴性报告证明(手机版与正式版报告均可,彩色打印)、绿色“信康码”和“行程码”截屏图。


  (四)6月21至24日,为中考学业水平考试时间。考生6月21日进考场时,须彩色打印提供48小时核酸检测阴性报告证明(手机版与正式版报告均可)、绿色“信康码”和“行程码”截屏图。


  (五)各县教育局在各个考点为家长统一设置等候区,须扫码进场在指定位置等候。


  (六)目前已在果洛州内的所有考生及陪考人员考前14天内一律不得离州。因瞒报、虚报或未按规定落实疫情防控措施,引发新冠肺炎疫情传播风险或其他严重后果的,由考生及家长承担,并将依法追究责任。


  (七)广大考生及陪考人员返州(县)后减少外出,不串门,不聚会,减少与他人接触,避免去人员密集的公共场所,做好个人防护。


  (八)2022年,玛多县初中学业水平考试考点统一设置在玛沁县,由玛沁县统一管理。另外,在玛沁县拉加镇藏文中学增设第二考点,玛沁县拉加镇藏文中学、玛沁县拉加镇女子学校考生统一在拉加镇藏文中学考点进行考试。


  二、考生需提供的相关资料。


  (一)初中学业水平考试生物、地理、体育课成绩单(省外就读应届生的“学考成绩单”应盖有学校及县级教育行政部门的公章)。


  (二)未参加八年级生物、地理学业水平考试的异地考生由各县教育行政部门于6月24日统一组织考试。


  三、准考证领取时间及相关要求。


  (一)准考证领取时间:6月19日至20日


  (二)县内学校学生准考证由各学校统一领取。


  (三)异地考生请携带本人身份证到户籍所在县招生办领取准考证,不得代领。


  (四)领取准考证时,所有考生须提供48小时内核酸检测阴性报告证明;省外返青及近14天有中高风险地区旅居史的考生及家长,还需提供社区出具的“解除隔离通知书”、绿色“信康码”和“行程码”(考生本人签字)、考生身份证件。


  以上疫情防控要求均按当前最新政策制定,根据疫情形势变化,政策也将相应调整,请考生和家长持续关注果洛州教育局门户网站及“果洛教育”微信公众号。


  咨询(报备)电话:0975-8382122


  咨询人:东智才旦15809750437


果洛州教育


2022年5月16日


本文来源:https://www.wddqw.com/Ftrh.html